ལོ་རྒྱུས་སྙིང་བསྡུས།

མདོ་ཁམས་ཆུ་བཞི་སྒང་དྲུག་གི་ལོ་རྒྱུས་སྙིང་བསྡུས། མདོ་ཁམས་ཆུ་བཞི་སྒང་དྲུག་ནི། ཕྱི་ལོ་ ༡༩༥༨ ཟླ་ ༦ ཚེས་ ༡༦ ཉིན་མོར་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གིས་དབུས་པའི་མདོ་ཁམས་ཡུལ་གྱི་དང་བླངས་དཔའ་རྒོད་མང་པོས་ལྕགས་ཚ་གྲི་གུ་ཐང་དུ་གསར་འཛུགས་བྱས་པའི་སྒྲིག་འཛུགས་ཤིག་ཡིན་ལ། མདོ་ཁམས་ཀྱི་ཡུལ་ལུང་གི་མིང་ལ་ཆུ་བཞི་སྒང་དྲུག་ཟེར་བ་རྒྱལ་རབས་ལོ་རྒྱུས་ནང་དུ་འབོད་སྲོལ་ཡོད་པ་ལྟར་༸སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་མཆོག་གིས་ཚོགས་པའི་མིང་ལ་ཆུ་བཞི་སྒང་དྲུག་ཅེས་བཏགས་གནང་བ་རེད། ཆུ་བཞི་སྒང་དྲུག་ལ་དམག་སྡེ་ ༢༤ དང་དབུས་ལྷན་ཁང་བསྡོམས་ན་དམག་སྡེ་ ༢༥ ཡོད། བྱང་སྐྱོད་དམག་དཔུང་སྡེ་ཚན་དང་། དམག་སྒར་ཨ་མའི་སྡེ་ཚན་གཉིས་ནས་དགྲ་བོ་དང་འཐབ་འཁྲུག་རིམ་པ་མང་པོ་བརྒྱབ་སྟེ། དམག་འཐབ་བརྒྱུད་རིམ་ནང་དུ་ཕར་དགྲ་དམག་ཆིག་ཁྲི་ཡས་མས་བསད་པ་དང་། ཚུར་རང་དམག་ཆིག་སྟོང་ཡས་མས་སྐུ་སྲོག་ཤོར། ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་དཔུང་གིས་ལྷོ་ལམ་གཙང་སེལ་བྱས་པའི་རྒྱུ་མཚན་གྱིས་༸རྒྱལ་བ་རིན་པོ་ཆེ་གཙོས་པའི་བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་བཙན་བྱོལ་དུ་གདན་ཞུས་དང་། ཇོ་བོ་ཝ་ཏི་བཟང་པོ་གཙོས་རིན་ཐང་བྲལ་བའི་རྟེན་གཙོ་མང་པོ་གདན་ཞུས། བོད་མི་འབུམ་གཅིག་ཡས་མས་སྐྱབས་བཅོལ་དུ་སླེབས་ཐུབ་པ་སོགས་བྱུང་ཡོད། མཐར་ཛ་སག་དམག་སྤྱི་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གཙོས་དམག་སྤྱི་དང་དམག་མི་འཕྲོས་ལྷག་རྣམས་རྒྱ་གར་དུ་སྐྱབས་བཅོལ་ཞུས་ཤིང་། རིམ་པས་སྒྲིག་འཛུགས་ཀྱི་དམིགས་ཡུལ་དང་དགོས་པ་མ་བོར་བར་གློ་དམག་སྒར་སྒྲིག་འཛུགས་གསར་འཛུགས་ཀྱིས་དགྲ་བོ་ལ་ཕར་རྒོལ་རིམ་པ་མང་པོ་བྱས་པ་དང་། དམག་སྒར་ཨང་

Read More »

དམིགས་ཡུལ།

མདོ་ཁམས་ཆུ་བཞི་སྒང་དྲུག་གི་དམིགས་ཡུལ། སྔར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་བོད་རིགས་ས་ཁུལ་ཡོངས་རྫོགས་མི་རིགས་གཅིག་པའི་སྟོབས་ཆེན་རྒྱལ་ཁབ་སྙན་གྲགས་ཅན་དུ་གྱུར་ཅིང་། དེའི་ཁྱབ་ཁོངས་སུ་སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ཅེས་གྲགས་ཤིང་། ཐ་སྙད་འདི་ནི་བོད་ཀྱི་གནས་བབ་ལ་གཞིགས་ནས་བོད་མི་རང་ཉིད་ཀྱིས་བཏགས་པ་ཞིག་ཡིན་ལ། འདི་ཉིད་ཀྱི་ཁོངས་སུ་གཏོགས་པའི་རུ་ཚོ་སོ་སོའི་རྣམ་པར་ཆགས་པ་ལས་ཆོལ་ཁ་ཞེས་པའི་ཐ་སྙད་མེད་ཅིང་། བོད་རིགས་གཅིག་གྱུར་གྱིས་སྟོབས་ཤུགས་སྲ་བརྟན་དུ་གནས་ཡོད། ཐོག་མར་མདོ་ཁམས་ཆུ་བཞི་སྒང་དྲུག་གསར་འཛུགས་གནང་དགོས་པའི་དམིགས་ཡུལ་ནི། བོད་རྒྱལ་ཁབ་སྲུང་སྐྱོབ་དང་། བོད་མི་རིགས་སྲུང་སྐྱོབ། བོད་རང་བཙན་སྲུང་སྐྱོབ་ཆེད་དུ་ ༡༩༥༨ ལོར་གསར་འཛུགས་བྱས་པ་རེད། དམིགས་ཡུལ་གཞིར་བཟུང་དགྲ་བོར་ཕར་རྒོལ་དྲག་པོ་ལན་མང་བྱས་པས། སྔར་བོད་བཙན་པོའི་སྐབས་ཀྱི་སྙིང་སྟོབས་སླར་གསོའི་སྣོན་མར་གྱུར་པ་མ་ཟད། བོད་མི་རེ་རེའི་སེམས་ངོས་སུ་ཕྱི་རོལ་དུ་དགྲ་ཟེར་བ་ཞིག་དང་། ནང་དུ་གཉེན་ཟེར་བ་ཞིག་ཡོད་པའི་སེམས་ངོ་གསལ་པོ་འཕྲོད་ཅིང་། དགྲ་ལ་དགྲ་བོའི་འདུ་ཤེས་དང་། གཉེན་ལ་གཉེན་གྱི་འདུ་ཤེས་བྱུང་བས། བོད་མིའི་སེམས་ཁམས་སུ་རྒྱལ་ཞེན་གྱི་བསམ་བློ་འཁོར་བའི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་རེད། ད་ལྟའི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དམིགས་ཡུལ་ནི།སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་དབུ་ཁྲིད་འོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། སྒྲིག་གཞི་ཅི་རིགས་ལ་བརྩི་བཀུར་དང་ལེན་གྱིས་རང་གཞུང་གི་མཛད་འཕྲིན་རྒྱས་ཐབས་སུ་ཕྱར་གྲུ་མཉམ་འདེགས་དང་། ལུང་ཚན་དང་། ཆོས་ལུགས།

Read More »

ད་ལྟའི་གནས་བབ།

མདོ་ཁམས་ཆུ་བཞི་སྒང་དྲུག་གི་ད་ལྟའི་གནས་བབ། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ད་ལྟའི་གནས་བབ་ནི། ལོ་གསུམ་རེའི་མཚམས་སུ་ཚོགས་ཆེན་རེ་དང་། ལོ་གཅིག་དང་ཕྱེད་རེའི་མཚམས་འགན་འཛིན་ལྷན་ཚོགས་རེ་ཚོགས་བཞིན་ཡོད་ཅིང་། ཚོགས་ཆེན་དང་འགན་ལྷན་སྐབས་སུ་ཚོགས་བཅར་བ་དབུས་རྒྱུན་ ༡༡ དང་། མདོ་སྟོད་སྤྱི་འཐུས་བཅུ། རང་ཁོངས་ཆོས་བརྒྱུད་སྤྱི་འཐུས་ཁག །ས་གནས་རེ་ནས་ཚོགས་གཙོ་དང་དྲུང་ཆེ་བཅས་ཚོགས་འདུའི་གྲུབ་ཆ་ཚང་དགོས་ཤིང་། དབུས་འོས་བསྡུ་ཚོགས་ཆུང་དང་། རྩིས་ཞིབ་ཚོགས་ཆུང་། སྔོན་རྩིས་ཚོད་དཔག་ཚོགས་ཆུང་བཅས་ཚོགས་ཆེན་དང་འགན་ལྷན་ཐོག་བསྐོ་བཞག་བྱེད་བཞིན་ཡོད་ལ། ཟླ་བ་བཞི་རེའི་མཚམས་རྒྱུན་ལས་ལྷན་ཚོགས་རེ་ཚོགས་ཤིང་། ཚོགས་འདུ་སོ་སོར་གོ་བསྡུར་ཐག་གཅོད་ཇི་བྱུང་ལྟར་འགྲོ་གྲོན་གཏོང་ཕྱོགས་དང་། རྩིས་ཞིབ་པ་བསྐོ་གཞག །སློབ་ཡོན་སྦྱོར་སྤྲོད། རྒན་རབས་ཀྱི་འཚོ་སྣོན། སྤྱི་ཚོགས་ཞབས་ཞུ་སོགས་ལས་དོན་ཁག་སྒྲུབ་བཞིན་ཡོད། ལས་དོན་གནང་ཕྱོགས་ཐད་མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་པའི་སྒྲིག་གཞི་དོན་ཚན་ ༥༤ ཅན་དང་། མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་རྣམ་པའི་ལས་དོན་བྱེད་ཕྱོགས་དང་ཐོབ་ཐང་བཅས་ཀྱི་སྒྲིག་གཞི། དོན་ཚན་ ༡༣ ཅན། མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་པའི་དངུལ་རྩིས་སྟངས་འཛིན་བྱེད་ཕྱོགས་ཀྱི་སྒྲིག་གཞི། དོན་ཚན་ ༡༦ ཅན་བཅས་གཏན་འབེབས་ཀྱིས་ལག་བསྟར་གནང་བཞིན་ཡོད། སྒྲིག་གཞིའི་ནང་རྒྱུན་ལས་མང་མཐའ་ ༡༥ ནས་ཉུང་མཐར་ ༧ བར་ཡོད་ཆོག་པ་ལྟར་ད་ལྟ་རྒྱུན་ལས་མི་གྲངས་ ༡༡ ཡོད། དེའི་ནང་ཚོགས་གཙོ་གཅིག་དང་། ཚོགས་གཞོན་གཉིས། དྲུང་ཆེ། དྲུང་གཞོན། དངུལ་གཉེར། མཐུན་འབྲེལ་འགན་འཛིན། རྒྱུན་ལས་གཞན་བཅས་ཡིན། དོན་གྲུབ་གླིང་དུ་རྒས་གསོ་ཁང་ཞིག་དང། རྡ་སར་ཆུ་སྒང་རིག་གནས་འཛིན་གྲྭ། གཞན་ཡང་ཆུ་སྒང་དགེ་རྩ་ཚོགས་པ། ཆུ་སྒང་ཤེས་ཡོན་སྡེ་ཚན་བཅས་ཡོད། རྒྱ་བལ་གཉིས་དང་ཕྱི་རྒྱལ་ཡུལ་གྲུ་ཁག་བཅས་སུ་ཆུ་སྒང་ས་གནས་ཁག་བཞི་བཅུ་ཞེ་གྲངས་ཡོད་པ་དང་། དེ་དག་གི་རྒྱུན་ལས་རྣམས་ཀྱང་སྒྲིག་དོན་འོས་བསྡུ་བྱེད་བཞིན་ཡོད། ལོ་བསྟར་ཆགས་སུ་ཕྱི་ཟླ་ ༦ པའི་ཚེས་ ༡༦ ཉིན་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་པའི་དུས་དྲན་སྲུང་བརྩི་ས་གནས་ཡོད་དོ་ཅོག་ནས་ཉིན་བརྒྱ་དུས་གཅིག་ཏུ་སྲུང་བརྩི་ཞུ་བཞིན་པ་དང་། དམིགས་བསལ་བཞུགས་སྒར་རྡ་རམ་ས་ལར་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་ནམ། སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོག་སྦྱོང་གནང་གི་ཡོད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན་དམིགས་བསལ་ཚོགས་ཆེན་དང་། གཞན་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་སོགས་སུ་བཀའ་སྤྱི་གཉིས་ནས་ཆུ་སྒང་དབུས་རྒྱུན་ལ་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་མིང་ཐོག་ནས་མགྲོན་འབོད་གནང་གི་ཡོད།

Read More »

དབུས་རྒྱུན་ལས།

སྐབས་བཅུ་གསུམ་དང་བཅུ་བཞིའི་དབུས་རྒྱུན་ལས། ཕྱི་ལོ་ ༡༩༩༢ ནས་ ༡༩༩༧ བར།   མཚན། ལས་གནས། སྡོད་གནས་ཁ་བྱང་། འབྲེལ་བྱང་། ༡ ལི་ཐང་ཨ་ཐར་ནོར་བུ། ཚོགས་གཙོ། —- —- ༢ གྲའུ་དཔོན་རིན་ཆེན་ཚེ་རིང་། ཚོགས་གཞོན། ༣ སྲས་དོན་ཡོད།  ཚོགས་གཞོན། ༤ མདོ་གཉེར་གསེར་དགའ། དྲུང་ཆེ།

Read More »
No Category
Editor46

ས་གནས་རྒྱུན་ལས།

ས་གནས་རྒྱུན་ལས་ཀྱི་ཐོ་གཞུང་།   མཚན། ལས་གནས། སྡོད་གནས་ཁ་བྱང་། འབྲེལ་བྱང་། ༡ ལི་ཐང་ཨ་ཐར་ནོར་བུ། ཚོགས་གཙོ། —- —- ༢ གྲའུ་དཔོན་རིན་ཆེན་ཚེ་རིང་། ཚོགས་གཞོན། ༣ སྲས་དོན་ཡོད།  ཚོགས་གཞོན། ༤ མདོ་གཉེར་གསེར་དགའ། དྲུང་ཆེ། ༥ ཀོང་པོ་ཐུབ་བསྟན།  དྲུང་གཞོན། ༦ གཡུང་དྲུང་རྣམ་རྒྱལ།

Read More »

གསལ་བསྒྲགས།

ཉེ་ཆར་ཕྱི་ཟླ་ ༢ པའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་དགྱེས་ཆེན་པོའི་ངང་བྱིས་པ་ཞིག་ལ་མཇལ་ཁ་གནང་། རྒྱུན་དུ་༸གོང་ས་མཆོག་ལ་དད་འདུན་ཞུ་མཁན་གྱི་སློབ་མ་ས་ཡ་མང་པོའི་སེམས་ངོགས་སུ་བྱས་པ་དེ་ནི་ཅི་འདྲའི་བསོད་ནམས་ཆེན་པོ་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། རྣམ་ཀུན་༸གོང་ས་མཆོག་ནི་ཞལ་རྩེས་གནང་བར་ཐུགས་དགྱེས་མཉེས་ཆེན་པོ་ཡོད་མཁན་ཞིག་རེད། ལྷག་པོར་ཉམ་ཐག་པའི་མགོན་མེད་སེམས་ཙན་དང་། ན་ཆུང་བྱིས་པ་རྣམས་ལ་དམིགས་བསལ་ཐུགས་དགྱེས་མཉེས་ཆེན་པོ་གནང་གི་ཡོད། གོང་སྨོས་ཀྱི་བྱིས་པ་དེ་ལ་མཇལ་ཁ་གནང་བའི་བརྙན་ཐུང་ཡར་མར་བཅད་གཏུབ་བྱས་ཏེ། འགའ་རེས་བསམ་བཞིན་དུ་༸གོང་ས་མཆོག་ལ་སྐུར་འདེབས་བྱེད་ཀྱིན་ཡོད། འགའ་རེས་རྒྱུ་མཚན་དང་གནས་ལུགས་གང་ཡང་མ་ཤེས་པར་འུར་རྒྱག་གི་ཡོད། དགུང་གྲངས་ ༨༧ ལ་ཕེབས་པའི་བོད་གངས་ཅན་གྱི་མགོན་སྐྱབས་ཤིག་ལ་གཞི་མེད་ཀྱི་སྙོན་འཛུགས་བྱེད་མུས་འདིས་བོད་མི་ཚང་མའི་སེམས་སུ་ཧ་ཅང་བློ་ཕམ་ཆེན་པོ་བྱུང་། ༸གོང་ས་མཆོག་ལ་མཇལ་ཞུ་དང་འབྲེལ་བའི་ལས་ཀྱི་སྣེ་མོ་རྣམས་ཀྱིས་རྗེས་སོར་མཇལ་ཞུ་རྣམས་ལ་དོགས་དཔྱོད་ནན་མོ་གནང་རོགས། ཚོགས་སྡེ་དང་སྒེར་པ་གང་ཞིག་གིས་ད་དུང་མུ་མཐུད་འགན་འཁུར་མེད་པར་བརྙན་ཐུང་དེ་ཡར་མར་བརྒྱུད་བསྒྲགས་དང་། གཞི་མེད་སྙོན་འཛུགས་བྱེད་བཞིན་འདུག་ན། འདི་ནས་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་རྩད་གཅོད་ནན་མོ་བྱེད་དེ་ཁྲིམས་གཏུག་བྱེད་རྒྱུའི་གྲ་སྒྲིག་ཨང་གསར་ཡོད། མདོ་ཁམས་ཆུ་བཞི་སྒང་དྲུག་སྤྱི་ཁྱབ་ལས་ཁང་ནས་ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༡༠ ལ། ངོ་བཤུས།དགའ་ལྡན་ཕོ་བྲང་།བཀའ་ཤགསྤྱི་འཐུས་ལྷན་ཚོགས། Welfare Society of Central Dokham Chushi Gangdrug, H.No. 39, Block No. 12, New Camp, New Aruna Nagar, Majnu-ka-Tilla, Delhi -110054 (INDIA), E-mail: chugang40@yahoo.com | www.chushigangdrug.com

Recent Comments